༄༅།། ཉེ་ཆར་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་འབྲུག་ཡུལ་དུ་ཆབས་སྒྱུར་གནང་ནས་གནས་གཟིགས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེན་བསྐྱངས།
ཉམས་ཞིབ་པས་སྙན་ཐོ་བཏོན་པ་ལས་གསལ་བ་ལྟར་ན། ཡུ་རོབ་ནི་ད་ལྟའི་ཆར་འཛམ་གླིང་ཐོག་དྲོད་ཚད་འཕར་བ་མགྱོགས་ཤོས་ཀྱི་གླིང་ཆེན་དེ་ཡིན་པ་དང་། ༢༠༢༣ ལོ་ནི་ཡུ་རོབ་ཀྱི་ལོ་རྒྱུས་ལས་དྲོད་ཚད་མཐོ་ཤོས་སུ་སླེབས་ཤིང་། གོ་ལའི་ཁྱོན་ཡོངས་ཀྱི་ཆ་སྙོམས་ཀྱི་ཚ་དྲོད་ཡར་འཕར་བའི་ཚད་ལས་ཧ་ལམ་ལྡབ་གཉིས་ཙམ་མཐོ་ཡི་ཡོད་པའི་སྐོར་འདིར་གསལ།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་ཨ་སྒོར་ཐེར་འབུམ་༩༥ ཡི་ཕྱི་རྒྱལ་རོགས་དངུལ་གྱི་ཁྲིམས་འཆར་དེར་མོས་མཐུན་བཀའ་འཁྲོལ་གནང་བ་དང་། ཁྲིམས་འཆར་འདིར་གྲོས་ཚོགས་གོང་མའི་ནང་འོས་བསྡུ་གནང་ཏེ་མོས་མཐུན་ཐོབ་པའི་རྗེས་སུ་སྲིད་འཛིན་གྱིས་མཚན་རྟགས་བཀོད་ནས་ཁྲིམས་གཞིར་གཏན་འབེབ་གནང་རྒྱུ་ཡིན་པ་རེད།
ཉེ་ཆར་ཨི་རན་གྱིས་ཨི་སི་རལ་ལ་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་གྱིས་རྒོལ་རྡུང་བྱས་པ་བརྒྱ་ཆ་༩༩་ལྷག་བར་སྣང་དུ་གཏོར་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་དམག་འཐབ་སྲིད་ཇུས་ལ་བསྐྱར་ཞིབ་བྱ་དགོས་པར་གྱུར་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
སྤྱི་ཟླ་༤ པའི་ཚེས་༢༠ རེས་གཟའ་སྤེན་པའི་ཉིན། ཕྱི་ཕྱོགས་སུ་རོགས་དངུལ་སྤྲད་རྒྱུ་ཐེ་བའི་གྲོས་གཞི་བཞིའི་ཁོངས་སུ། བརྙན་ཐུང་བརྒྱུད་ལམ་ཊིག་ཊོག་བཟོ་ཚོང་ཁང་གི་བདག་དབང་སྐོར་གྱི་གྲོས་གཞི་ཡང་ཚུད་ཡོད་པའི་སྐོར་འདིར་གསལ།
ཆབ་སྲིད་ལ་དོ་སྣང་བྱེད་སྐབས་གཡོན་ཕྱོགས་ནས་བལྟ་བ་ཡིན་ནམ་གཡས་ཕྱོགས་ནས་བལྟ་བ་ཡིན། ཁ་ཕྱོགས་ཀྱི་བརྗོད་པ་འདི་སྲིད་དོན་གྱི་ཡིད་ཆེས་དང་ཇི་ལྟར་འབྲེལ་ཆགས། དང་ཐོག་དེ་ནི་ཁྲིམས་བཟོ་བ་རྣམས་སྡོད་སའི་གནས་ཏེ་གསར་བརྗེ་བ་རྣམས་ཚོགས་འདུ་གཙོ་སྐྱོང་བའི་གཡོན་དང་རྙིང་ཞེན་ཅན་རྣམས་གཡས་ཕྱོགས་སུ་བསྡད་པ་ལས་ཟུར་ཆགས་པ་རེད།
ཨ་རིའི་ལས་ཐོག་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་རྣམ་གཉིས་ཀྱིས་ཨི་སི་རེལ་གྱི་གྷ་ཛ་དམག་འཁྲུག་དང་། ཨི་རན་དང་འཁོན་འཛིང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། དཀྱིལ་ཤར་ཁུལ་གྱི་འཁྲུག་རྩོད་ཀྱིས་ཨ་རིའི་ཆབ་སྲིད་ལ་འགྱུར་བ་ཇི་ལྟར་བཟོ་བཞིན་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་གཤམ་ལ་སྙན་སྒྲོན་ཞུས་ཡོད།
སྤྱི་ཟླ་༤ པའི་ཚེས་༡༩ ཉིན་ནས་འགོ་ཚུགས་པའི་རྒྱ་གར་གྱི་འོས་བསྡུ་ལས། སྲིད་བློན་ལས་ཐོག་ན་རེན་ཌ་མོ་དྷིས་སྣེ་ཁྲིད་པའི་གཞུང་འཛིན་ཧིན་རྡུའི་ཆོས་ལུགས་མི་རིགས་རིང་ལུགས་པའི་རྒྱ་གར་མི་མང་ཚོགས་པ་དང་། སྲིད་དོན་ཚོགས་པ་ཉི་ཤུ་རྩ་གྲངས་ལས་གྲུབ་པའི་ཁ་གཏད་ཚོགས་པའི་མནའ་འབྲེལ་གཉིས་བར་འགྲན་རྩོད་ཆེན་འབྱུང་བཞིན་ཡོད།
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་པིན་གྱིས། ཧྥེ་ལིན་ཕིང་གིས་རྒྱ་ནག་གིས་རྒྱལ་ཁབ་ཆུང་ཆུང་ཚོར་ཐུབ་ཚོད་དང་སྡིགས་སྐུལ་བྱེད་བཞིན་འདུག་ཅེས་རྟག་ཏུ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། ཁོ་རང་ཚོས་རྒྱ་ནག་གི་ནན་ཧྲ་གླིང་ཚོམས་ལ་བཙན་འཛུལ་དང་བདག་བཟུང་བྱས་པའི་ཐད་ད་ཕན་ཚིག་གཅིག་བཤད་མྱོང་མེད་ཟེར། དེ་ནི་རྫུན་རེད།
༄༅།། ཨི་རན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་འཕངས་ནས་ཨི་སི་རལ་ལ་རྒོལ་རྡུང་བྱས་པ་དེའི་ཐོག་ནས་ཉམས་མྱོང་ལེན་རྒྱུ་མང་དུ་མཆིས། གལ་སྲིད་གཏོར་རྒོལ་དེ་རྒྱ་ནག་གིས་ཐེ་ཝན་ལ་བྱས་ཡོད་པ་ཡིན་ན་མཚོ་གླིང་དེར་གཏོར་ཕམ་ཚབས་ཆེན་ཕོག་ཡོད་པ་བརྗོད་ཅི་དགོས་ཞེས་གསར་འགྱུར་སྤེལ་འདུག
ཐེ་ཝན་དང་ལྟ་གྲུབ་མཐུན་པའི་རྒྱལ་ཁབ་༤༠་ལྷག་གི་སྐུ་ཚབ། འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་གྲོས་ཚོགས་འཐུས་མི་བཅས་སྐུ་མགྲོན་༤༠༠་ལྷག་ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ལེ་ཆིང་ཏེའི་ཁྲི་སྟོན་མཛད་སྒོར་ཕེབས་ཀྱི་ཡོད་ཅེས་བསྒྲགས།
ཉེ་ལམ་ཨི་རན་གྱིས་ཨི་སི་རེལ་ལ་གཏོར་རྒོལ་ཚབས་ཆེ་ཤོས་དེ་བཏང་ཡོད་པར་འཛམ་བུ་གླིང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་བྷ་ཌན་ནི་ཨི་རག་གི་སྲིད་བློན་ལ་ཐུག་འཕྲད་གནང་ཡོད་པ་དང་། དབུ་ཁྲིད་རྣམ་གཉིས་ཀྱིས་ཐུག་འཕྲད་གྲོས་མོལ་གནང་སྐབས་དཀྱིལ་ཤར་གྱི་བདེ་འཇགས་ནི་བརྗོད་གཞི་གཙོ་བོ་ཆགས།
རྒྱ་གར་གྱི་ནང་རིང་མིན་རྒྱལ་ཡོངས་འོས་བསྡུ་ཆེན་མོ་འདིའི་ནང་ན་གཞོན་ས་ཡ་འགའ་ཞིག་གིས་འོས་ཤོག་འཕེན་གྱི་ཡོད་པ་རྣམས་ཀྱིས་ཁོང་ཚོའི་རེ་འདུན་མང་པོ་ཞིག་འགྲུབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་དང་། སྲིད་བློན་མོ་དྷིས་ལས་དུས་གསུམ་པ་ཐོབ་ཆེད་འགྲན་ཞུགས་གནང་གི་ཡོད་པའི་སྐོར་ལ་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།
རྒྱལ་སྤྱིའི་སྟེང་ཨི་སི་རེལ་གྱིས་ཉེ་ཆར་བྱུང་བའི་ཨི་རན་གྱི་གཏོར་རྒོལ་དེར་ཡ་ལན་བྱ་རྒྱུ་ཕྱིར་འཐེན་བྱ་རྒྱུར་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་། ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གལ་སྲིད་ཨི་སི་རེལ་གྱིས་ཨི་རན་ལ་ཡ་ལན་སློག་ཚེ་ཨ་རིའི་དཔུང་དམག་མཉམ་ཞུགས་བྱེད་ཀྱི་མ་རེད་ཅེས་གསུངས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་སྦྱར།
མངལ་དབྱུང་ཆོག་མིན་གྱི་གནད་དོན་ནི་ཉིས་སྟོང་ཉེར་བཞི་ལོའི་ཨ་རིའི་སྲིད་འཛིན་འོས་འགྲན་གྱི་བརྗོད་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། སྲིད་འཛིན་བྷ་ཌན་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊམ་གཉིས་ཀྱིས་དེའི་ཐད་འཛིན་བཞིན་པའི་ལངས་ཕྱོགས་ཡང་ཐ་དད་ཡིན་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།།
༄༅།། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོའི་གླས་དམག་ཚོར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པའི་གསར་འགྱུར་རབ་དང་རིམ་པ་ཞིག་ཐོན།
ས་སྐྱ་ཁྲི་ཆེན་དང་འབྲུག་གི་རྒྱལ་པོ་མཇལ་འཕྲད། གློག་བརྙན་དུས་སྟོན་ཐོག་གི་བོད་ཀྱི་གློག་བརྙན། ཤེས་རིག་བཀའ་བློན་ཀྱིས་སློབ་གྲྭ་ཁག་ལ་འཚམས་གཟིགས། ཨ་རིའི་བོད་མིའི་སློབ་ཡོན་སྔོན་འགྲོའི་ཡིག་རྒྱུགས། ལྷ་གཞུང་ཁག་དྲུག་གཟིགས་འབུལ་ཟིན་པ།
༄༅།། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་བསློགས་ནས་དམག་འཁྲུག་རྒྱ་ཆེ་རུ་གཏོང་མི་ཉན་ཞེས་འབོད་སྐུལ་ཞུས།
༄༅།། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མེ་ཏ་ཤཱས་ང་ལ་སྲིད་བློན་མོ་དྷིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་ཤོག་ཅེས་བཀའ་ཕབ་ཀྱང་ངས་སྤྲོད་རྒྱུ་མིན་ཟེར་བ་རེད་ཅེས་གནས་ཚུལ་ཐོན་འདུག
འབར་མའི་གྱེན་ལོག་དམག་གིས་གཞུང་དམག་གི་དཔུང་འཇུག་མཐའ་སྐྲོད་བཏང་སྟེ། མཐའ་མཚམས་ཀྱི་གྲོང་བརྡལ་བདག་བཟུང་བྱས་ཟིན་པ་བརྗོད་ཡོད་པའི་སྐོར་སོགས་ད་ལྟའི་འབར་མའི་ནང་གི་སྡེ་གཟར་གྱི་གནས་ཚུལ་གཤམ་གསལ།
མང་སྣོན།