སྲིད་སྐྱོང་མཆོག་ལ་གཟིམ་ཆུང་མཇལ་ཁ། བོད་ནང་རྩོམ་པ་པོ་དང་པར་སྐྲུན་ལ་དམ་དྲག སྤྱི་འཐུས་ཚོགས་གཞོན་འཇར་མན་ནང་གཞུང་འབྲེལ་ཕྱོགས་ཕེབས། བོད་དོན་ཞུ་གཏུག་ལས་འགུལ་ཐབས་བྱུས་ཀྱི་ཚོགས་འདུ། ཨ་རིའི་ནང་བོད་མི་མང་པོས་ཞི་ཅིན་ཕིང་ལ་ངོ་རྒོལ།
༄༅།། གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་འཚོགས་བཞིན་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་ཞོར་དུ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་།
འབྲུག་ཡུལ་གྱི་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མིའི་འོས་མི་རྣམས་འདེམས་བསྐོ་བྱ་དགོས། ༢༠༢༤་ལོའི་ཕྱི་ཟླ་དང་པོའི་ཚེས་༩་ཉིན་འབྲུག་ཡུལ་དུ་དམངས་གཙོའི་འོས་འདེམས་ཐེངས་བཞི་པ་བྱས་ཏེ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱ་དགོས་ཞེས་འོས་བསྡུའི་ཚེས་གྲངས་གཏན་འབེབས་བྱས་འདུག
༄༅།། ཨི་སི་རལ་གྱི་སྲིད་བློན་བྷེན་ཇཱ་མཱིན ནེ་ཐན་ཡ་ཧུ་ཡིས་ཧ་མ་སི་ལ་ཕམ་ཉེས་མ་བཏང་བར་དུ་གྷ་ཛའི་ནང་དྲག་པོའི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་ནན་བརྗོད་གནང་ཡོད་ཀྱང་། རེས་གཟའ་ཉི་མའི་ཉིན་དེ་སྔོན་བཙན་ཁྲིད་བྱས་པའི་མི་༢༠༠ ལྷག་ཙམ་དེ་དག་གློད་བཀྲོལ་ཐོབ་རྒྱུར་གྲོས་མཐུན་ཞིག་བྱེད་སྲིད་པའི་སྐོར་གྱི་བརྡ་བཏང་ཡོད།
༄༅།། ཨུ་རུ་སུའི་གཞུང་གཉེར་གསར་འགྱུར་ལས་ཁུངས་ཁག་གིས་རྒྱལ་སྲུང་ལྷན་ཁང་གི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་དམག་དཔུང་ཌི་ནི་པེར་གཙང་པོའི་ཤར་ཕྱོགས་སུ་ཕྱིར་འཐེན་བྱས་པ་རེད་ཅེས་བསྒྲགས།
༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་ནི་ཧི་མ་ལ་ཡའི་གངས་རིའི་འདབས་སུ་ཆགས་ཡོད་པས་དབྱར་དུས་གནམ་གཤིས་བསིལ་པོ་དང་དགུན་དུས་གནམ་གཤིས་གྲང་མོ་ཡིན་ཞིང་། ཉིན་ཤས་སྔོན་ནས་ཧི་མ་ཅལ་མངའ་སྡེའི་ས་གནས་ཁག་ཏུ་ཆར་པ་དང་ཁ་བ་བབས་པའི་རྗེས་སུ་གནམ་གཤིས་གྲང་དུ་ཕྱིན་ཏེ་དགུན་གྱི་གྲང་ངད་ལྡང་རྒྱུ་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པ་མེག་ཇཱོན་སན་གྱི་འགོ་ཁྲིད་འོག སྤྱི་མཐུན་ཚོགས་པའི་འཐུས་མི་ཚོ་གཞུང་གྲོན་ཆོག་མཆོན་འགོད་རྒྱུར་ཁ་མ་འཆམ་པར་སྲིད་གཞུང་སྒོ་རྒྱག་དགོས་ཐུག་སྲིད་པའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༡༡་པའི་ཚེས་༨་ཉིན་དེ་རིང་གི་བྱང་ཤར་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་རྟ་དབང་གི་དུས་སྟོན་སྐབས་སུ་མོན་པ་ཚོས་གངས་སེང་དང་གཡག་གི་འཆམ་བརྒྱབ། མོན་པའི་ཐུན་མོང་མ་ཡིན་པའི་གླུ་གར་འཁྲབ་སྟོན་དང་མོན་ཡུལ་གྱི་རིག་གཞུང་ཕྱུག་པོ་དེ་འཁྲབ་སྟོན་གྱི་ལམ་ནས་ཕྱི་ལ་བསྟན་ཏེ་དུས་སྟོན་ཚུགས།
སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་དབར་ལ་བགྲོ་གླེང་ཐེངས་ལྔ་པ་བྱས་ཡོད་པ་རེད། བགྲོ་གླེང་སྔོན་མ་དང་བསྡུར་ན་འོས་མི་ཉུང་དུ་ཕྱིན་པ་རྣམས་ཀྱིས་མི་དམངས་ཀྱིས་རྒྱབ་སྐྱོར་མཐོ་ཤོས་ཐོབ་པའི་འོས་མི་སྲིད་འཛིན་ཟུར་པ་ཊ་རམ་དང་འོས་མི་གཞན་དང་བསྡུར་སྐབས་རྒྱལ་སྤྱིའི་གནད་དོན་ཐད་ལངས་ཕྱོགས་མི་འདྲ་བ་བཟུང་ཐབས་བྱས་ཡོད་པ་རེད།
༄༅།། སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱེད་པའི་དུས་སུ་སྲིད་དོན་བཙོན་པའི་སྐོར་གླེང་སློང་བྱ་དགོས་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག
ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པས་དབུས་ཐད་སྐྱོང་མངའ་ཁུལ་དེར་བཟོ་ལས་དང་ཚོང་ལས་ཀྱི་ས་ཁུལ་ཟུར་འཇོག་བྱ་དགོས་པའི་གྲོས་གཞི་བཏོན། ལ་དྭགས་ཀྱི་སྤྱི་ཁྱབ་གཞོན་པ་ནི་རྒྱ་གར་དབུས་གཞུང་གིས་བསྐོ་བཞག་བྱས་པའི་འགོ་ཁྲིད་ཅིག་ཡིན་པ་ལས་ལ་དྭགས་མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་མིན་ཞིང་།
༄༅།། རྒྱ་ནག་གིས་ཕྱི་ཚུལ་དུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་ཤུགས་ཆེ་རུ་གཏོང་གི་ཡོད་ཀྱང་རྒྱལ་ནང་དུ་དཔལ་འབྱོར་ཉམས་རྒུད་དང་ན་གཞོན་ལས་ཤོར་བའི་གྲངས་འབོར་ཇེ་མང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
གྷ་ཛ་ཐང་གཤོངས་སུ་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་འཐབ་འཁྲུག་ལངས་ནས་ཟླ་བ་གཅིག་ལྷག་ཕྱིན་པ་དེ་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། གྷ་ཛའི་ཞི་བའི་མི་མང་དཀྱུས་མ་ཚོར་འཆི་རྨས་ཀྱི་གྲངས་འབོར་ཇེ་མཐོར་འགྲོ་བཞིན་པ།
འབྲས་ལྗོངས་དང་རྡོ་རྗེ་གླིང་མངའ་ཁུལ་དུ་གནས་འཁོད་ལེབ་ཅ་བ་(མོན་པའམ། མོན་པའི་རིགས)་ཚོས་རང་གི་སྐད་ཡིག་དེ་ཉིད་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ཨང་༨་པའི་ཁྱབ་ཁོངས་སུ་འཇུག་དགོས་ཞེས་འཐབ་རྩོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག
༄༅།། ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གི་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ཁག་འགའ་ཞིག་གི་ནང་དུ་སྲིད་འཛིན་ལས་ཐོག་ཇཱོ་བྷ་ཌན་ལ་མི་མང་འོས་འཕེན་མཁན་ཉུང་དུ་སོང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་མི་མང་འོས་ཤོག་འཕེན་མཁན་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག
༄༅།། འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ལྡི་ལི་གསར་པར་ཕེབས་ནས་རྒྱ་གར་གྱི་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་གལ་ཆེན་ཞིག་གནང་གི་ཡོད་ཅིང་།
༄༅།། སྲིད་བློན་ནེ་ཐན་ཡ་ཧུས་དམག་འཁྲུག་གི་སྔོན་དེར་ཨི་སི་རལ་གྱི་ཟུར་འཇོག་དམག་དཔུང་གིས་སྲི་ཞུ་བསྒྲུབ་རྒྱུ་མིན་ཞེས་ངོ་རྒོལ་བྱས་པ་རེད། ཧ་མ་སི་ཤོག་ཁག་གི་གོ་སྐབས་དེ་བཟུང་ནས་ཨི་སི་རལ་གཏོར་རྒོལ་བྱས་པ་ཡིན་སྲིད་ཅེས་བཤད་པ་རེད་ཟེར་བའི་གནས་ཚུལ་ཞིག་ཐོན།
ནེ་ཇི་རི་ཡའི་ས་གནས་ཁེ་ལས་པ་ཚོར་མཚོན་ན་རྒྱ་ནག་གི་ཐོན་རྫས་ནང་འདྲེན་བྱས་པའི་རྐྱེན་གྱིས་ནེ་ཇི་རི་ཡའི་ནང་ལ་ལས་མེད་དང་དབུལ་ཕོངས། རིན་གོང་འཕར་བ་སོགས་ཀྱི་རྐྱེན་རྩ་ཆགས་ཀྱི་ཡོད་པའི་སྐོར་ཚེ་རིང་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་ཉིན་བཞིའི་རིང་ལ་བལ་ཡུལ་དུ་ཞུང་འབྲེལ་སྐོར་སྐྱོད་གནང་བའི་རིང་ལ་རི་བོ་ཇོ་མོ་གླང་མའི་གཤམ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འཁྲུངས་ཡུལ་ལུམ་བི་ནི་རུ་བལ་ཡུལ་གྱི་སྲིད་བློན་དང་ལྷན་དུ་ཕེབས་ཏེ་བསྐོར་སྐྱོད་མཇུག་སྒྲིལ་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུས་ཡོད།
༄༅།། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་སྲིད་བློན་ཟུར་པ་ལི་ཁེ་ཆང་གི་ཕུང་པོ་ཞུགས་འབུལ་བྱས་ཏེ་སྲིད་འཛིན་ཞིས་ཅིན་ཕིང་དང་བཟའ་ཟླ་ཕེང་ལི་ཡོན། སྲིད་བློན་ལི་ཆང་སོགས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ཞུགས་འབུལ་མཛད་སྒོར་ཞུགས། ཁོ་ཚོས་ལི་ཁེ་ཆང་གི་ཆུང་མ་དང་ཤུལ་ལུས་བཟའ་མི་ཚོར་སེམས་གསོ་བྱས་པའི་གསར་འགྱུར་ཐོན།
མང་སྣོན།