རྒྱང་སྲིང་དུས་ཚོད།
སྔ་དྲོའི་རླུང་འཕྲིན།་ཟླ་བ་༨ ཚེས་༨
News Headline གསར་འགྱུར་འགོ་བརྗོད། ༡། ཉི་ཧོང་གི་སྲིད་བློན་ཟུར་པ་ལི་ཏིང་ཧུའི་རྗེས་དྲན་མཛད་སྒོར་ཕེབས་པ། ༢། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག། ༣། ཨ་རྒྱ་གཉིས་ཀྱི་འཁོན་འཛིན་དམག་འཁྲུག་ལ་མ་འགྱུར་བ་བྱ་དགོས། ༤། ཨ་རིས་རྒྱ་གར་ལ་མཚོན་ཆ་བཙོངས་ནས་འབྲེལ་བ་རྒྱ་སྐྱེད། ༥། ཏོག་དབྱིབས་རིམས་ནད་སྐབས་སུ་རྒྱ་ནག་བཙན་དྲག་ཅན་དུ་གྱུར་པ། ༦། ལེ་བྷ་ནན་གྱི་འབར་གས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར། ༧། ཨ་རིའི་འཕྲོད་བསྟེན་དྲུང་ཆེ་དང་ཐེ་ཝན་གྱི་སྲིད་འཛིན་ཐུག་འཆར། ༨། ཨ་རིར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཉེན་ཚབས་ཇེ་ཆེ། ༩། སྲིད་འཛིན་ཊམ་དང་ཨ་རིའི་ཨེ་ཤི་ཡའི་མི་རིགས་འོས་འཕེན་པ། ༡༠། ཨ་རི་དང་མནའ་འབྲེལ་ཚོས་རྒྱ་ནག་གི་མཚོ་ཁོངས་རྒྱ་སྐྱེད་འགོག་རྒྱུ།
དགོང་དྲོའི་རླུང་འཕྲིན། ༢༠༢༠ཟླ་ ༨ཚེས་༨
རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་ལྷ་སར་འབྱོར་བ་དང་ལྷ་སར་དམ་དྲག་ཆེ་རུ་བཏང་འདུག ཧོང་ཀོང་དམིགས་བསལ་འཛིན་སྐྱོང་གཞུང་གི་སྤྱི་ཁྱབ་གཙོས་པའི་ཧོང་ཀོང་གི་གནད་ཡོད་མགོ་ཁྲིད་ཁག་ཅིག་ལ་ཨ་རིའི་གཞུང་གིས་ཉེས་ཆད་བཅད་འདུག ཨ་རིའི་གཞུང་གིས་རྒྱ་ནག་གི་དྲ་རྒྱའི་སྙི་ཆས་སྐད་འཕྲིན་བཀག་སྡོམ་བྱ་འཆར་ཡོད་པའི་གནས་ཚུལ་ཐད་དབྱེ་ཞིབ་བྱས་ཡོད་པ། རྒྱ་དཀར་ནག་གཉིས་ཀྱིས་རྩོད་བཞིན་པའི་བོད་དང་རྒྱ་གར་ས་མཚམས་ཀྱི་ད་ལྟའི་གནས་སྟངས། རྒྱ་གར་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྐྱོན་བྱུང་ནས་མི་མང་པོར་འཆི་སྐྱོན་བྱུང་ཡོད་པ།