TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡།༣།༢༦
དེ་རིང་གི་ཀུན་གླེང་གསར་འགྱུར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་གཞི་ལ་ལན་འདེབས་གནང་བ་དང་། ཨ་རིའི་སྲིད་འཛིན་གྱིས་ཐེངས་དང་པོར་གསར་སྤེལ་ཚོགས་འདུ་འཚོགས་པ། ཨ་རི་དང་ཡུ་རོབ་ཀྱི་འབྲེལ་ལམ་གོང་སྤེལ་གཏོང་བཞིན་པ་སོགས་ཀྱི་གསར་འགྱུར་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཨི་ཊ་ལིའི་ནང་གི་གཡང་ཆེན་ལགས་ཀྱི་ཞབས་དྲོའི་བརྒྱུད་ལམ་ངོ་སྤྲོད་བྱས་པ་སོགས་ཡོད། ཀུན་གླེང་དུ་ཚེ་རིང་དབང་མོ་ལགས་ཀྱིས་བཀྲས་མཐོང་དབང་པོ་ལགས་ལ་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་ནག་བར་ཡུ་གུར་བའི་ཐོབ་ཐང་ཐད་ཉེས་ཆད་འགེལ་རེས་བྱུང་བའི་ཐད་བགྲོ་གླེང་ཞུས་པ་དང་། བསྟན་འཛིན་ནོར་བཟང་ལགས་ཀྱིས་ཀ་ལིམ་པོང་གི་གངས་ལྗོངས་ཟློས་གར་གྱི་མི་སྣར་བཅར་འདྲི་ཞུས་ཡོད།