TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༨ ཚེས་༤
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འབྲུག་པས་ཏོག་ནད་འགོག་སྲུང་བྱས་པའི་གྲུབ་འབྲས་དང་། ངོ་བོ་འགྱུར་བའི་ཏོག་ནད་རྐྱེན་ཨ་རིའི་ནང་ཁ་རས་བསྐྱར་དར། ས་ར་མཐོ་སློབ་ཏུ་འཛིན་གྲྭ་ཡར་འཚོག་དང་། ཨབ་གྷ་སི་ཊན་གྱི་བདེ་འཇགས། གྲུ་ཆུང་ལ་བསྡད་ནས་དབྱིན་ཇིར་སྐྱབས་བཅོལ་ལ་སླེབས་མཁན་སོགས་ཀྱི་གསར་འགྱུར་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་རྣམ་གཉིས་དང་ལྷན་ཨ་རིའི་སྲིད་འཛིན་བྷ་ཌན་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།