TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༥ ཚེས་༥
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་ཐུགས་དམ་གཙོ་བོར་གྱུར་བའི་སྒོམ་སྒྲུབ་ཉམས་ལེན་ལ་ཉམས་ཞིབ་ཞུ་ཕྱོགས་དང་། ཚན་རིག་དང་ཤེས་རབ་ཐད་བཀའ་བསྡུར་གནང་བ། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་དྲུང་ཆེའི་ཚོགས་འདུ། ཨ་རིའི་དམག་དཔུང་ཕྱིར་འཐེན་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་ལྡི་ལིའི་སྨན་ཁང་ཞིག་གི་སྨན་པ་བསྟན་འཛིན་སྙན་གྲགས་ལགས་ལ་རྒྱ་གར་གྱི་རྒྱལ་སའི་ཏོག་ནད་ཀྱི་གནས་སྟངས་ཐད་བཅར་འདྲི་ཞུས་པ་དང་། ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་ཕན་ཐོགས་ལགས་དང་ལྷན་ཁ་ལབ་ཁང་པའི་ནང་རྒྱ་རིགས་ཚོས་བོད་དོན་ལ་དོ་སྣང་བྱེད་བཞིན་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།