ཉེ་ཆར་རྒྱ་ནག་གི་དངུལ་ཁང་དང་ཁེ་ལས་འགའ་ཤས་ཀྱིས་ཨ་རིའི་དཔལ་འབྱོར་གྱི་ཉེས་ཆད་ལ་གཡོལ་ཐབས་ཀྱི་སྒོ་ནས། ཨུ་རུ་སུའི་ས་མཚམས་ཀྱི་མ་དངུལ་བར་ཚོང་རྒྱག་མཁན་བརྒྱུད་ནས་ལྐོག་ཏུ་དངུལ་གཏོང་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་འདིར་གསལ།
༄༅།། རྒྱ་ནག་གི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བཟོ་མཁན་གཙོ་བོ་དང་སྨན་ཁབ་དེར་ཆོག་མཆན་འགོད་མཁན་ཚན་རིག་པ་དབྱང་ཞའོ་མཱིང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཁོངས་ནས་ཕྱིར་ཕུད་བྱས་འདུག
ཨ་ཧྥེ་རི་ཀའི་གླིང་ཆེན་གྱི་སོ་ནམ་པ་ཚོས་འདས་སོང་གི་ཉམས་མྱོང་དང་མ་འོངས་པར་སྔོན་དཔག་སོགས་ཀྱི་སྒོ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་ཐབས་རྣམ་ཅི་དྲག་གི་སྒོ་ནས་འབད་བརྩོན་བྱེད་བཞིན་པའི་སྐོར་འདིར་གསལ།
ཨ་རིའི་སྲིད་འཛིན་གྱི་ལས་གནས་འདི་ནི་ཨ་རིའི་རྩ་ཁྲིམས་སུ་འཁོད་པའི་ཆ་རྐྱེན་དག་དང་འཚམས་པའི་གང་ཟག་འབའ་ཞིག་ལ་ཐོབ་ཐུབ་པ་ཡིན། ཆ་རྐྱེན་དེ་དག་ནི་ཉུང་མཐར་ཡང་དགུང་ལོ༣༥ ལ་སླེབས་པ། ཨ་རིའི་ནང་ལོ་༡༤ ལ་འཚོ་སྡོད་བྱས་པ། ཨ་རིར་སྐྱེས་པའི་མི་སེར་ཡིན་པ་བཅས་སོ།།
སྲིད་འཛིན་བྷ་ཌན་གྱིས་ཡུག་ཀེ་རེན་དང་ཨི་སི་རེལ། ཐེ་ཝན་བཅས་ཀྱི་ཆེད་དུ་དངུལ་སྒོར་ཐེར་འབུམ་ ༩༥ གནང་པའི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཡོད་པ་འདི་ནི་གྲོས་ཚོགས་འོག་མའི་ནང་ཟླ་བ་མང་པོར་མོས་མཐུན་མ་བྱུང་པའི་རྗེས་སུ་གྲུབ་འབྲས་སོན་ཡོད་པའི་སྐོར་གྱི་གནས་ཚུལ་གཤམ་ལ་གསན་གཟིགས་གནང་རོགས།
མིས་བཟོས་རིག་ནུས་སམ་བཅོས་རིག་ནི་ཨ་རིའི་ཆབ་སྲིད་དང་། འོས་བསྡུའི་མ་དངུལ་འདུ་འགོད། དྲིལ་བསྒྲགས་སོགས་ཚན་པ་མང་པོར་ཁྱབ་ཡོད། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཅོས་རིག་གིས་བཟོས་པའི་བརྗོད་བྱ་ཚད་བཀག་བཟོ་ཐབས་གནང་གི་ཡོད། ལོ་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད་དེས་འོས་འཕེན་པའི་བདེན་རྫུན་དབྱེ་འབྱེད་ལ་ཉེན་ཁ་གསར་པ་བཟོས་ཡོད
ཨ་རིའི་གཙུག་ལག་སློབ་ཆེན་ཁག་ཏུ་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་ཕྲུག་ཚོས་ཨི་སི་རེལ་དང་ཧ་མ་སི་བར་གྱི་དམག་འཁྲུག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དང་སྦྲགས། གྷ་ཛའི་ལུང་གཤོངས་སུ་མི་ཆོས་དགེ་བའི་རོགས་སྐྱོར་མཁོ་སྤྲོད་བྱ་འཇུག་དགོས་པའི་རེ་འབོད་བྱེད་བཞིན་ཡོད་པར་ལྟར། སློབ་ཕྲུག་འགའ་ཤས་འཛིན་བཟུང་ཐེབས་ཡོད
༄༅།། ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་སྐད་ཆ་དྲིས་ནས་མ་འོངས་པར་ཅི་ཞིག་བྱ་དགོས་མིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག
༄༅།། སྲིད་འཛིན་བྷ་ཌན་གྱིས་གཟའ་ལྷག་པའི་ཉིན་དེ་རིང་ནི་འཛམ་གླིང་ཞི་བདེར་ཚེས་བཟང་དུས་བཟང་ཞིག་རེད་ཅེས་ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་དང་ཨི་སི་རལ། ཐེ་ཝན་བཅས་ལ་ཨ་སྒོར་དུང་ཕྱུར་༩༥༠་ཐམ་པ་དམག་དོན་རོགས་དངུལ་སྤྲོད་རྒྱུའི་གྲོས་ཆོད་ཀྱི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན།
ཐེ་ཝན་གྱི་འཕྲུལ་རིག་ལག་རྩལ་གྱི་མཐོ་སློབ་ཁག་ལ་ཝེ་ཏི་ནམ་སོགས་ལྷོ་ཤར་ཨེ་ཤི་ཡ་ཁུལ་ནས་རྒྱལ་སྤྱིའི་སློབ་ཕྲུག་འཛུལ་མཁན་མང་དུ་ཕྱིན་ཡོད་པ་དེ་ནི་འཕྲུལ་རིག་ལག་རྩལ་མཐོ་བའི་ཆེད་ལས་པའི་དགོས་མཁོ་སྐོང་རྒྱུ་དང་འབྲེལ་བ་ཡོད་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས།
ཨ་རིའི་གྲོས་ཚོགས་གོང་མས་ཁ་སང་ཡུག་ཀེ་རེན་དང་ཨི་སི་རེལ། ཐེ་ཝན་བཅས་ཀྱི་ཆེད་དུ་ཨ་སྒོར་ཐེར་འབུམ་༩༥ ཡི་རོགས་རམ་གནང་རྒྱུའི་ཁྲིམས་འཆར་དེར་མོས་མཐུན་བཀའ་འཁྲོལ་གནང་པ་དང་། སྲིད་འཛིན་བྷ་ཌན་གྱིས་དེ་རིང་རེས་གཟའ་ལྷག་པའི་ཉིན་ཁྲིམས་འཆར་དེར་མཚན་རྟགས་བཀོད་ནས་ཁྲིམས་གཞིར་གཏན་འབེབ་གནང་སྟེ་ལག་ལེན་བསྟར་འགོ་ཚུགས་པ་རེད།
ཨི་སི་རེལ་དང་ཧ་མ་སི་དབར་དམག་འཁྲུག་འདི་འགོ་འཛུགས་བྱས་ཏེ་ཉིན་གྲངས་༢༠༠ ལྷག་ཙམ་སོང་བའི་སྐབས་འདིར། ནུབ་ཕྱོགས་པའི་ཕྱི་འབྲེལ་མི་སྣ་ཁག་གིས་ཧ་མ་སི་ཡིས་གྷ་ཛའི་ནང་བཀག་ཉར་བྱེད་བཞིན་པའི་ཨི་སི་རེལ་གྱི་མི་སེར་ལྷག་འཕྲོས་དེ་དག་གློད་་བཀྲོལ་གཏོང་རྒྱུར་འབོད་སྐུལ་གནང་གི་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུས།
རྒྱ་ནག་གི་ཅང་སུའུ་ཞིང་ཆེན་གྱི་ཡིག་ཟམ་ལས་ཁུངས་ཁག་གི་ཡིག་སྐྱེལ་བ་དང་སྦྲག་ཁང་དུ་བསྐུར་མ་དབྱེ་གསེས་བྱེད་མཁན་ཚོས་མི་གང་ཞིག་གིས་སྦྲག་ཁང་བརྒྱུད་ནས་ཁྲིམས་འགལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་དངོས་པོ་སྐུར་གྱི་ཡོད་པ་འཛིན་ཐུབ་ན་ལས་བྱེད་པ་དེར་རྒྱ་སྒོར་ཁྲི་ཚོ་༣་བྱ་དགའ་ཡོད་ཅེས་སྒྲིག་གཞི་གསར་པ་ཞིག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཋོ་ནི་བྷི་ལིན་ཁིན་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་རྒྱལ་དོན་འཚམས་འདྲིར་ཕྱིན་ནས། ཨུ་ཡུག་དམག་འཁྲུག་དང་། དབུས་ཤར་ས་ཁུལ་གྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་གྲོས་མོལ་བྱ་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཧྥིན་ལན་ཌིའི་ས་མཚམས་འཁྲིས་ལ་ཨུ་རུ་སུས་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱེད་འཆར་ཡོད་པ་ཨུ་རུ་སུའི་གསར་ལམ་ནང་ལ་གནས་ཚུལ་ཐོན་དང་། ཉམས་ཞིབ་པ་རྣམས་ཀྱིས་དེ་ནི་སྔ་ལོར་ཧྥིན་ལན་ཌི་ནི་ནུབ་ཆིངས་སྒྲིག་འཛུགས་ནང་འཛུལ་ཞུགས་བྱས་པ་ནས་བཟུང་ཨུ་རུ་སུས་དམག་དང་འབྲེལ་བའི་ཉེན་བརྡ་རིམ་པར་བཏང་པ་ནས་གསར་ཤོས་དེ་རེད་ཅེས་བརྗོད་འདུག
སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པས་ལ་དྭགས་པ་བཀྲ་ཤིས་རྒྱལ་མཚན་ས་གནས་དེའི་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མིའི་འོས་མིར་བདམས། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་མོར་ལ་དྭགས་ལ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་འཐུས་མི་འོས་བསྡུ་བྱེད་ཀྱི་ཡོད་ཅིང་།
༄༅།། ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་ཎིའི་འཐུས་མི་ཞིག་གི་ལས་བྱེད་པ་རྒྱ་ནག་གི་གསང་ཉུང་ཡིན་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག ཕྱི་ཟླ་༤་པའི་ཚེས་༢༣་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་གཞུང་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དེའི་ལས་བྱེད་པའི་མིང་ལ་ཅཱན་གོ་ཟེར་གྱི་འདུག
ཞོ་སྟོན་ཐེངས་ ༢༧ པ་མཇུག་སྒྲིལ། སྨན་རིར་ཞང་བོད་བགྲོ་གླེང་། ཨ་རིས་གོ་ལའི་ཉིན་མོའི་ཆེད་དུ་སྔོན་རྩིས། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ། རིན་མེད་ཊི་སྦིའི་སྔོན་ཁབ།
ཨ་རིའི་སྲིད་འཛིན་གྱིས་རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་དཔལ་འབྱོར་ཀྱི་སྲིད་ཇུས་གཏན་འབེབ་དང་བཟོ་བཅོས་གཏོང་རྒྱུར་ལས་འགན་གལ་ཆེན་ཞིག་འགན་བཞེས་གནང་གི་ཡོད་པར་བརྟེན། སྲིད་འཛིན་འོས་བསྡུའི་ལས་འགུལ་གྱི་ནང་ཨ་རིའི་དཔལ་འབྱོར་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པ་རེད།
སྤྱི་ཟླ་༤ པའི་ཚེས་༢༥ ཉིན་ལ་པོར་ཅུ་གྷལ་དུ་དམངས་གཙོའི་གཞུང་ཚུགས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་ཚུགས་ཀྱི་ཡོད་པའི་སྐོར་AFP གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་འདིར་གསལ།
མང་སྣོན།